ཁྱོད་ལ་ཉི་མ་དང་ང་ལ་ཟླ་བ་དེ
ཁྱོད་ལ་ཉི་མ་དང་ང་ལ་ཟླ་བ་དེ་
༢༠༡༨།༨།༢༩ཉིན་བུ་སྐྱེས་གནས་ཡག་གི་ཁྱིམ་དུ་ངའི་གཅེས་ཕྲུག་བསྟན་འཛིན་ཆོས་མཚོ་ལ་བྲིས།
ཁྱོད་ལ་ཉི་མ་དང་ང་ལ་ཟླ་བ།
རྒྱང་རིང་དུ་ཡོད་པའི་ཁྱོད་ལ་ཨ་མ་ཉི་མ་དེ་ཡིས་ཞོགས་ཇ་ཞིམ་པོ་མང་པོ་ཞིག་གནང་བྱུང་།
ཕ་ཡུལ་གསུམ་པའི་གནས་སུ་ཡོད་པའི་ང་ནི་ཕ་ཡི་ཟླ་བས་ཞི་བདེ་ནང་ནས་ཉལ་ས་སྐྱིད་པོ་བགྱི།
དེ་རིང་ནི་ཚེས་པ་བཅོ་ལྔ་ཡིན་ལ།
བཤད་མི་ཤེས་པ་ཤིག་ལ།
ཟླ་བའི་འོད་དཀར་གྱི་འོག་ཏུ་ངས་ཁྱོད་རང་དྲན་སོང་།
ཟླ་བ་གོར་གོར་དེའི་སྐད་དང་ཡི་གེ་གཉིས་ངས་མི་ཤེས་ནའང་།
ཁོང་གི་ཡིད་དུ་འོང་བའི་ངོ་གདོང་དེ་ནི་ངས་ཡག་པོ་ངོ་ཤེས་པ་མ་ཟད་ཧ་ཅང་དགའ།
ཟླ་བའི་འོད་དཀར་གྱི་ནང་དུ་ངའི་སེམས་འཇམ་པོ་ཆགས་ནས་བདེ་བས་རབ་ཏུ་གང་།
ཟླ་བའི་འོད་དཀར་དེས་ངའི་སེམས་འཇམ་པོར་བཟོས་ནས་ང་མི་མྱ་ངན་དང་བྲལ་བ་ཞིག་ཏུ་གྱུར།
ཨ། བརྩེ་བའི་ཨ་མ་ཉི་མ་ལགས།
ཁྱེད་ངའི་གོ་ལའི་ཤར་ཕྱོགས་སུ་ཡོད་བའི་བུ་མོ་ཆོས་མཚོ་ལ་བྱམས་པོ་གནང་བར་བཀའ་དྲིན་ཆེ།
ད་ག་ནང་བཞིན་དུ།
ཞི་བ་དང་འཇམ་པོའི་སྒོ་ནས།
ངའི་སེམས་ཀྱི་སྟེང་གི་གསང་གཏམ་དེ།
ཁ་རོག་ཉན་རོགས་གནང་བས།
ཨ་ཕ་བཟང་པོ་ཟླ་བ་ལགས།
ཁྱེད་ཀྱིས་ཞི་བདེའི་འོད་ཆེན་པོ་དེ་འཇམ་པོ་ཡིས་ངའི་ངོ་ལ་ཕོག་ནས།
ང་དང་མཉམ་དུ་ངའི་རྨི་ལམ་ནང་དུ་ཕེབས་པར་བཀའ་དྲིན་ཆེ།
Comments
Post a Comment