Posts

Showing posts from June 28, 2021

སྐྱབས་བླ་མ་དམ་པ་ཆོས་ཉིད་ལ་གསོལ་བ་འདེབས།

Image
སྐྱབས་བླ་མ་དམ་པ་ཆོས་ཉིད་ལ་གསོལ་བ་འདེབས། ཨ་ཙི། ཨ་ཙི། དེ་འདྲའི་ཡིད་འོང་། སྙིང་རྗེ། ངོ་མཚར་སྐྱེས་དགོས་ཡུལ་སྟེང་དུ་ནི་གྲུབ་པར་སྣང་བའི་མཛེས་བཀྲག་དགའ་མའི་གཟུགས། སྐྱེ་པོའི་བློས་བཟོས་རེད་དམ་དངོས་པོའི་གཤིས་ལུགས་དེ་ཡིས་རྩོལ་མེད་སྤྲུལ་པ་རེད། ཡུལ་གྱི་སྟེང་དུ་གྲུབ་མེད་ཟེར་ན་སྐྱེ་བོ་ཕལ་བའི་མངོན་སུམ་ལ་གནོད་ཅིང་། གྲུབ་ཡོད་ཅེས་ན་ཡོད་ལུགས་འདི་ཡིན་ཞེས་པར་སུ་གང་གིས་ཀྱང་འཇོག་མི་ནུས། ཀྱེ་ཧོ་ཕྱིེ་རུ་མེད་ཅིང་ནང་དུའང་མེད་ལ་དེ་བཞིན་བར་དུ་ཡང་མེད་པའི། སྨྲ་བསམ་བརྗོད་མེད་ཆོས་ཉིད་འགོག་བདེན་དེ་ཡིས་བླུན་པོ་ང་ཡི་མགོ་བོ་འགེམས། སྐྱབས་བླ་མ་དམ་པ་ཆོས་ཉིད་ལ་གསོལ་བ་འདེབས། མཆོད་དོ། སྐྱབས་སུ་མཆིའོ། འཕགས་ཡུལ་མིན་ན་ལེར་བཞུགས་མཁན་ཆེན་དགེ་ཕུན་ལགས་ལ་གོ་བརྡ་འཕྲོད་མིན་ལ་མ་བལྟས་པར་ཀུ་རེའི་ཚུལ་དུ་བྲིས་ཏེ་ཕུལ། ༢༠༢༡-༦-༢༥ ཨ་རིའི་དབུས་སྐྱེས་གནས་ཡག་གི་་ཁྱིམ་གཞི་ནས་སྦྱར

རང་ལ་སྐུལ་བ།

ལེགས་པ་རྒྱལ་མཚན་མིང་ཅན་གྱིས། ༢༠༢༡་༦་༧་ཉིན་དགེ་བཤེས་མཁན་པོ་བློ་ཕུན་མཆོག་ལ་ཀུ་རེའི་ཚུལ་དུ་བྲིས་ཏེ་ཕུལ། ཨ་ཅེ་རྨ་བྱ་ངང་ལག་མཇུག་སྒྲོ་ཅན། ཟ་ན་མི་འགྲིག་ལྟོས་ན་མཛེས་ཀྱང་བརྫུན། འཁོར་བའི་བདེ་བ་ལྷ་མོ་འཇོ་སྒེག་ཅན། ཡོད་ཡོད་འདྲ་ལ་དོན་དུ་རི་བོང་རྭ། ཚེ་ཡི་ཉི་མ་ཉིན་གུང་རྒྱབ་ལོགས་ཕྱོགས། དོན་གྱི་ཕོ་ཉ་གང་ཡོད་ཆ་མ་འཚལ། མ་ཐོས་མ་གོ་ཟེར་ན་ལས་འབྲས་བསྣོགས། གོ་སོང་ཤེས་ཐལ་ཞུ་བར་ཚོར་སྣང་སྟོང་། རང་མགོ་རང་གིས་བསྐོར་ན་མི་ལེགས་པའི། གནས་ལུགས་དེ་ནི་ཤེས་བཞིན་ལེ་ལོ་ངང་། མི་ཚེ་སྟོང་ཟད་གཏོང་མཁན་སྨྱོན་རྒན་ཁྱེད། ཨ་ཅེ་རྨ་བྱའི་གཟུགས་ཚུལ།ངང་ལག་དེའི། འཁོར་བའི་མངར་ཁུ་དུག་ཅན་དེ་སྤངས་ནས། ངན་སོང་མི་སྐྱེས་གཏན་ཁེལ་ཐུབ་པར་གྱིས། ་ཨ་ཨ་ཕྱི་ནང་བར་གསུམ་འགལ་རྐྱེན་ཁྲོད། ཧེ་ཧེ་གཅིག་པུ་ལུས་པའི་ཉམ་ཐག་ང་། ཝེ་ཝེ་བཤེས་གཉེན་དམ་པ་ཁྱེད་འདྲ་བོས། ཀྱེ་ཀྱེ་མྱུར་དུ་སྐྱོབ་པའི་ཐུགས་རྗེས་གཟིགས།

I know how but I can’t do it

Image
I know how but I can’t do it By Tt 06/22/21 At Virginia home (1) Nothing goes before Nothing comes after High in the middle of deep space Entertained by the empty cloud The bright full moon seems to have no idea where she is heading ... (2) Led by ignorance Chased by myriad afflictions Low, down, and under the heavy Shadows cast by the karmas My precious “I” is in pain (3) Seen by no one Heard by no one Approached by no one Who knows the language of gnosis and love to carry on A deep, unceasing conversation That takes me directly To the home of my own Anatman. (4) Yes, my dear friend, You did hear me correctly I am alone No one sees me... (5) Lashed by the craving in the relentless silence I see myself as so feeble and thus somewhat scared Come on! Find a way and be free! In silence, I heard these words more forcefully and precise than ever before (6) Looking up the moon I think of nothing But deeply wish I could wrap myself in that gentle light See myself illuminating and di...