སྐྱབས་བླ་མ་དམ་པ་ཆོས་ཉིད་ལ་གསོལ་བ་འདེབས།

སྐྱབས་བླ་མ་དམ་པ་ཆོས་ཉིད་ལ་གསོལ་བ་འདེབས། ཨ་ཙི། ཨ་ཙི། དེ་འདྲའི་ཡིད་འོང་། སྙིང་རྗེ། ངོ་མཚར་སྐྱེས་དགོས་ཡུལ་སྟེང་དུ་ནི་གྲུབ་པར་སྣང་བའི་མཛེས་བཀྲག་དགའ་མའི་གཟུགས། སྐྱེ་པོའི་བློས་བཟོས་རེད་དམ་དངོས་པོའི་གཤིས་ལུགས་དེ་ཡིས་རྩོལ་མེད་སྤྲུལ་པ་རེད། ཡུལ་གྱི་སྟེང་དུ་གྲུབ་མེད་ཟེར་ན་སྐྱེ་བོ་ཕལ་བའི་མངོན་སུམ་ལ་གནོད་ཅིང་། གྲུབ་ཡོད་ཅེས་ན་ཡོད་ལུགས་འདི་ཡིན་ཞེས་པར་སུ་གང་གིས་ཀྱང་འཇོག་མི་ནུས། ཀྱེ་ཧོ་ཕྱིེ་རུ་མེད་ཅིང་ནང་དུའང་མེད་ལ་དེ་བཞིན་བར་དུ་ཡང་མེད་པའི། སྨྲ་བསམ་བརྗོད་མེད་ཆོས་ཉིད་འགོག་བདེན་དེ་ཡིས་བླུན་པོ་ང་ཡི་མགོ་བོ་འགེམས། སྐྱབས་བླ་མ་དམ་པ་ཆོས་ཉིད་ལ་གསོལ་བ་འདེབས། མཆོད་དོ། སྐྱབས་སུ་མཆིའོ། འཕགས་ཡུལ་མིན་ན་ལེར་བཞུགས་མཁན་ཆེན་དགེ་ཕུན་ལགས་ལ་གོ་བརྡ་འཕྲོད་མིན་ལ་མ་བལྟས་པར་ཀུ་རེའི་ཚུལ་དུ་བྲིས་ཏེ་ཕུལ། ༢༠༢༡-༦-༢༥ ཨ་རིའི་དབུས་སྐྱེས་གནས་ཡག་གི་་ཁྱིམ་གཞི་ནས་སྦྱར