ཨ་རི་དང་བོར་འཇོག་དགོས
ཨ་རི་དང་པོར་འཇོག་དགོས།
༼༡༽
ཨ་མེ་རེ་ཀ
ཨ་མེ་རེ་ཀ
རང་དབང་གི་དར་ལྕོག
ཐོབ་ཐང་གི་རླུང་རྟ།
འདྲ་མཉམ་གྱི་ཐང་ཆེན།
གོ་སྐབས་ཀྱི་རྒྱ་མཚོ།
ཁྲིམས་ལུགས་ཀྱི་གར་སྟེགས།
༼༢༽
ཨ་མེ་རེ་ཀ
ཨ་མེ་རི་ཀ།
ས་སྟེང་མི་རིགས་དྲུག་བརྒྱ་ལྔ་བཅུ་ལྷག་གི་ཁྱིམ་གཞི།
འཛམ་གླིང་ཚན་རྩལ་གསར་གཏོད་གྱི་ལྟེ་གནས་དང་མགོ་འདྲེན།
སྲིད་གཞུང་ལས་མི་སེར་གཙོ་བོས་སྲོལ་བཟང་གི་སྲུང་མ།
འབྱོར་བ་ཡོད་མེད་ཤ་མདོག་འདྲ་མིན་ཀུན་གྱི་དཔུང་གཉེན།
རྒྱ་དམར་ཧམ་སེམས་བཙན་དབང་སྡིག་ཏོ་ཅན་གྱི་གཤེད་གཟའ།
༼༣༽
ཨ་མེ་རེ་ཀ།
ཨ་མེ་རི་ཀ།
སེམས་ངན་ཁ་ཡག་ཅན་གྱི་རྒྱ་དམར་ལ་གཟབ་གཟབ་གྱིས།
སེམས་བཟང་མགོ་སྟོང་ཅན་གྱི་སྲིད་དོན་པ་ལ་དོགས་ཟོན་གྱིས།
ཨ་རི་དང་བོར་འཇོག་པའི་དཔའ་བོ་དེ་ཚོར་མཐོང་ཆེན་གྱིས།
བོད་པ་རང་དོན་རང་གཅེས་བྱེད་མཁན་རྣམས་ལ་རོགས་སྐྱོབ་གྱིས།
ཨ་རི་རང་དབང་རང་བཙན་༢༤༥ལོ་འཁོར་དུས་ཆེན་ལ་བསྟན་ཐོས་མིང་ཅན་གྱིས་དབུས་སྐྱེས་གནས་ཡག་གི་རང་་ཤག་དུ་སྦྱར་བའོ།
Comments
Post a Comment