Posts

Showing posts from June, 2020

My mind’s advises on me

ངའི་སེམས་ཀྱིས་ང་ལ་གདམས་པ།   ཨེ་མ་ཧོ།   བསྟན་ཐོས་མིང་ཅན་པས ༢༠༢༠ - ༦ - ༢༦ཉིན། ཝེ་ཅི་ནེ་ཡའི་ཁྱིམ་གཞི་རུ་སྦྱར་བའོ།   ༼ཀ༽ སེམས་ངའི་གནས་ལུགས་མ་ཤེས་བླུན་རྒན་ཁྱོད། ངའི་དབང་ཕྱུག་སྤྲུལ་སྟོབས་ལ་མོས་ངོ་སོ་བསྟོད། ཐུན་འདི་རུ་ང་དང་གཉེན་སྒྲིག་བགྱིད་ཙ་ན། ངའི་གཤིས་རྒྱུད་དང་སྦྱོར་བར་དགའ་འདྲིས་གྱིས། ༼ཁ༽ གདོད་མའི་དུས་ནས་རང་མགོ་རང་རྒྱལ་ང། ཕྱོགས་ལས་རྣམ་རྒྱལ་རང་བཞིན་ལྷུན་གྲུབ་བས། མ་སྡོམས་མ་འགོག་བཙན་པོར་བཀོལ་མ་སྤྱོད།   གློད་ཅིག་ཐོངས་ཤིག་ལྷོད་པོར་ངའི་ངོར་ལྟོས། ༼ག༽ ང་ནི་ཁྱོད་ཡིན་རྗེ་བཙུན་སྒྲོལ་མ་ཡིན།   ཁྱོད་ནི་ང་ཡིན་རྒྱལ་བའི་ཐུགས་རྗེ་ཡིན། ང་དང་ཁྱོད་གཉིས་རིག་པས་སྤྲུལ་རྩལ་ཡིན། ངའི་དོན་ཁྱོད་ཡིན་ཁྱོད་དོན་འགྲོ་ཀུན་ཡིན། ང་དང་ཁྱོད་ནི་ཐ་སྙད་ཚད་གྲུབ་ཡིན།   ཡོད་མེད་ཡིན་མིན་སྤྲོས་བྲལ་ཡེ་ཤེས་ཉིད། སྲིད་ཞི་མཐའ་གྲོལ་བླ་མེད་བྱང་ཆུབ་བོ།   ༼ང་༽ ང་ཁྱོད་ཁྱོད་ང་གཅིག་དུ་བྲལ། ཁྱོད་ང་མེད་པའི་སྒོམ་ཅིག་རྒྱོབ། ང་ཁྱོད་ཡིན་པའི་ལྷ་ཞིག་སྒྲུབས། ང་གཉིས་འགྲོ་དྲུག་དཔོན་གཡོག་ཡིན། ༼ཅ༽ ང་ནི་རང་བཞིན་མ་གྲུབ་ཁྱོད་ཀྱང་དེ་བཞིན་དེ། ང་ནི་གནམ་མཁའ་ཁྱོད་ནི་གློག་དང་...