Posts

Showing posts from November, 2018

The Beauty of Impermanent

The Beauty of the Impermanent Sunday, June 15, 2018 At home in Virginia Throughout my life, I have been trying to comprehending the ultimate face of my existence. From this amazing video, I heard a voice that says “look at me more attentively and altruistically, you are not that far from me and you surely will see me fully soon!” Life is so meaningful, so precious and magnificent! Thank you very much for sharing such transformative and enlightened moment of your beach-week with us! Much ️ ️ ️

སེམས་སྟོང་ང་མེད་ཡོད་ཚད་སེམས་ཀྱི་སྣང་ཆ་ཙམ

Image
ཨེ་མ་ཧོ། སེམས་ཡོད་སེམས་གསལ་སེམས་ལ་ཚང་མ་སྣང་ཡང་སྣང་བ་བཞིན་དུ་གཏན་མ་མཆིས། སེམས་སྟོང་ང་མེད་ཡོད་ཚད་སེམས་ཀྱི་སྣང་ཆ་ཙམ་ལས་སེམས་དེ་སེམས་ཉིད། སེམས་ཉིད་སེམས་སེམས་ཉིད། ཕྱི་དེ་ནང་གི་ཕྱི་ཡིན་ནང་དེ་ནང་ཉིད་ནང་། ནང་ཡོད་ཕྱི་མེད་མེད་ཉིད་ཕྱི་ནང་ཁྱབ། ཁྱབ་ཀྱང་ཁྱབ་གཞི་ཁྱབ་པ་ཁྱབ་ཡུལ་ཁྱབ་མཁན་གང་དུ་ཡང་མ་གྲུབ། ནང་ལ་མ་འཁྲུལ་འཁྲུལ་ཀྱང་ངལ་གསོ་ཕྲན་བུ་ཐོབ། ཕྱི་ལ་མ་ནོར་ནོར་ན་འདུད་བཞིས་རྣམ་པར་འཚེ་སྟེ། རང་དབང་ཞི་བདེ་སྙིང་རྗེ་རང་རིག་རྣམས་ཀྱིས་འཕོངས། ཕྱི་དེ་ནང་གི་ཕྱི་ཡིན་ནང་གི་ཕྱི་དེ་ནང་མིན་མིན་མིན་མིན། ཕྱི་རུ་ཕྱོགས་ན་སྣང་བ་འཁོར་བ་གྱུར་ཏེ་མྱ་ངན་ཆེ། ནང་དུ་ལོག་ན་སྣང་བ་རྒྱལ་བ་ཀུན་གྱི་འཕྲིན་ལས་ཡིན་པར་འཇལ་ནས་དགའ་བས་བརྟས། ཕྱི་མི་བདེན་ལ་ནང་ཡང་རང་བཞིན་མ་གྲུབ་སྟེ། དགའ་ས་སྐྲག་ས་མེད་པས་སྙིང་རྗེ་བདེ་བའི་རྩ་བ་ཡིན་པར་མོས་པ་ཙམ་སྐྱེས། སྐྱེས་བ་སྐྱབས་མགོན་རྒྱལ་དབང་དྲིན།   མོས་བ་འདི་ནི་ལམ་ཡིན་ལམ་འདིས་རང་གཞན་གཉིས་དོན་སྒྲུབས། དེ་རིང་ཤི་ན་ལམ་ཆེན་འདི་ཐོག་ཤི་བར་ཤོག འཁོར་བ་མ་སྟོང་བར་དུ་གནས་དགོས་བྱུང་ཡང་ལམ་མཆོག་འདི་ཉིད་སྟེང་དུ་གནས་པར་ཤོག   ཨེ་མ་ཧོ། ཨེ་མ་ཧོ། ཨེ་མ་ཧོ། རབ་གོ...