ཐེ་ཝན་གྱི་བུ་མོ་ཉི་མ་ལགས།
ཐེ་ཝན་ཐེ་པེ་ནས་ཐེ་ཀྲིང་ལ་འགྲོ་བའི་མེ་འཁོར་ནང་དུ་བྲིས།
2018.8.6
ངའི་སྙིང་གི་ཁྲག་རྩ་བཅད་
བུ་མོ་དེ་དང་ངའི་བར་གྱི་ས་ཐག་དེ་ནི།
རྦད་དེ་རང་དྲག་ནས་ཕ་རྒན་ང་ཡི་བློ་བསམ་ཧ་ཅང་ཕམ།
རྦད་དེ་རང་དྲག་ནས་ཕ་རྒན་ང་ཡི་བློ
ང་གཉིས་ངོ་ཐུག་ནས་སྙིང་གཏམ་ཚིག་ཁ་ཤས་ལས་བཤད་ལོང་མ་བྱུང་བར་ཁ་བྲལ་དགོས་བྱུང་བས།
ང་ནི་མི་ལས་ཆེན་ནང་གི་ལས་ངན་ཞིག་ཡིན་པར་ཤེས།
འཇིག་རྟེན་འདི་རུ་ཡིད་དུ་མི་འོང་བ་ཆོས་ནི།
ཧ་ཅང་མང་བ་མ་ཟད་དུས་ཡུན་ཡང་ཞེ་དྲག་རིང་།
ངོས་ལེན་བྱེད་དཀའ་བ་དང་མི་འདོོད་པའི་བདེན་པ་མདོག་ཉེས་པོ་གཅིག་ཡོད་པ་དེ་ནི།
ང་ཚོའི་མི་ཚེ་ཧྲིལ་པོ་ནང་ལ་མི་མཛེས་པ་དང་བློ་ལ་མི་བབ་བའི་མི་དང་བྱ་དངོས་དེ་ནི།
གང་ནས་ལ་ཡོད་ཅིང་སྲོག་དབང་ཡང་ཤིན་ཏུ་ནི་བརྟན།
ཨེ་མ།
མཛེས་ཀྱང་ཚེ་ཐག་ཐུང་བའི་ཐེ་ཝན་གྱི་བུ་མོ་ཉི་མ་ཁྱེད་དང་
སྙོམས་ཤིང་དགའ་སྡུག་གི་ཚོར་བ་རྣོ་པོ་དང་ལྡན་པའི་གངས་ལྗོངས་ཀྱི་ཕ་རྒན་བསྟན་མཛིན་ང་གཉིས་བར་གྱི་འབྲེལ་ལམ་དེ་ནི་ཆེས་ཐབས་སྡུག་ཞིག་ཡིན་པས།
སྡུག་བསྔལ་དེ་ལས་གལ་སྲིད་ཐར་བསམ་ན།
ང་གཉིས་ཀྱི་གཅིག་གིས་སོ་སོའི་ཚུལ་མཐོང་གི་རང་གཤིས་དེ་མེད་པར་གནས་དགོས་ལ།
ཡང་མིན་ན་ང་གཉིས་ཁྱོན་ནས་ཕན་ཚུན་འཕྲད་རྒྱུ་མེད་པ་ཞིག་བཟོ་ཐབས་དགོས།
འཕྲད་དེ་སྦྱར་ནས་སྡུག་བསྔལ་མྱོང་བ་ལས།
མ་འཕྲད་འཕྲད་ཀྱང་མ་སྦྱར་བྱེད་ནས་བསྡད་ན་ལེགས།
Comments
Post a Comment