Pretty Woman vs. Brave Man
མཛེས་མའི་ཞབས་བྲོ་དང་དཔའ་བོའི་བློ་ཁོག ___________________ མཛེས་མས་ཞབས་བྲོ་འཁྲབ་པ་ཡག་མོད་ཀྱང་། དཔའ་བོ་རྒྱལ་གཅེས་པ་བཞིན་སུ་ཡིས་གུས། ལུས་ཕུང་ཕར་གཡུག་ཚུར་གཡུག་ཚང་མས་ཤེས། བོད་དེ་སྐྱོབས་རོགས་ཟེར་མཁན་ཉུང་ཞིང་དཀོན། རྡོ་རྗེ་མཚོ་ཡི་བླ་མ་སྐྱབས་དང་གཅིག། ལེགས་རྒྱལ་ང་ཡི་འཕགས་མོ་འཚོ་དང་གཉིས། དཔའ་བོ་དཔའ་མོ་ཡིན་ཞེས་ཀུན་གྱིས་གུས། ལོ་རྒྱུས་ཡིག་ཆའི་ནང་དུ་བཀོད་འོས་སོ། བྲོ་དང་གར་ལ་ཆགས་པའི་མི་རིགས་དང་། ཆོས་དེ་སྲིད་ལས་གཙོ་བྱེད་རྒྱལ་ཁབ་དེ། གཞན་གྱི་བྲན་གཡོག་འགྱུར་བ་འཇིག་རྟེན་ལུགས། དཔའ་བོར་གུས་ཤིང་ཤེས་ཡོན་ལ་མོས་པ། གཞན་ས་མི་འཕྲོག་མོས་པོར་མཐོང་ཆེན་བཞག ཨ་རིའི་ཆབ་སྲིད་སྐྱོང་ལམ་ལུགས་དེ་ལེགས་སོ། 2022/31/12 བོད་རྒྱལ་ལོ།